Page:A Tibetan-English Dictionary with Sanskrit Synonyms.djvu/7

This page has been proofread, but needs to be validated.

ཚིག་གི་གཏེར་མཛོད།

भोट अभिधान ।

།། བོད་དང་སཾས་ཀྲྀ་ཏ་དང་ཨེང་ལི་ཤའི་སྐད་གསུམ་ཤན་སྦྱར་གོ་བདེ་རིམ་བསྒྲིགས་ཚིག་དང་མིང་གི་རྣམ་
གྲངས་རྒྱ་གར་གྱི་སྒྲ་བསྒྱུར་པའི་ལོ་པཎ་ཤྲཱི་ཤརཏ་ཙནདྲས་བརྩོ་མས་པ་བཞུགས་སོ །།

།། སི་ཏུའི་སུམ་རྟགས་གཞིར་བཞག་སྟེ། དག་ཡིག་ངག་སྒྲོན་རྩ་འགྲེལ་དང་། དག་བྱེད་གསལ་བའི་མེ་ལོང་སོགས་དང་། བརྡ་གསར་རྙིང་
ཁྱེད་པར་ཀློང་རྡོལ་གསུང་འབུམ་དང་། ལི་ཤིའི་གུར་ཁང་དང་། སྨན་གྱི་མིང་རྣམས་བོད་ཀྱི་སྨན་གཞུང་རྒྱུད་བཞི་ཡོད་པའི་གཉིས་པ་
བཤད་རྒྱུད་ཀྱི་སྨན་གྱི་ནུས་པ་བསྟན་པའི་ལེའུ་ཉི་ཤུ་པའི་ནང་ལྟར་ལ། སྡེ་དགེའི་པར་མ་དྲི་མེད་ཤེལ་གོང་དང་། དྲི་མེད་
ཤེས་ཕྲེང་ལྟར་དང་། མིང་གི་རྣམ་གྲངས་ཀྱི་རིགས་རྣམས་རྒྱ་གར་གྱི་པཎ་ཌི་ཏ་འཆི་མེད་སེང་
གེའི་མཛད་པ་ཨ་མར་ཀོ་ཥ་དང་། བོད་ས་སྐྱ་པཎ་ཆེན་གྱི་མཛོད་པའི་ཚིག་གཏེར་
སོགས་ལས་བཏུས་ཏེ་མངོན་བརྗོད་མཁས་པའི་རྣ་རྒྱན་ཞེས་པ་དང་།
གཞན་ཡང་བཀའ་བསྟན་བཅོས་ལོ་རྒྱུས་རྣམ་ཐར་
མང་པོ་ནས་ཚིག་དོན་འདིར།

མཀན་ཆེན་བླ་མ་ཤེས་རབ་རྒྱ་མཚོ

སྐུ་ཞབས་ཀྱིས་བསྡུས་ཏེ་གསལ་པོར་བསྟན་པའོ །།
།། སཾས་ཀྲྀཏའི་ཚིག་རྣམས་ཀྱི་བཤད་པ་དང་ཞུ་དག་པཎ་ཌིཏ་ཤྲཱི་སཏཱིཤ་ཙནདྲ་ཨཱ་ཙཱ་རྱས་བསྒྲིགས་པའོ །།

བོན་སྐོར་གྱི་བཤད་པ་འབྲས་ལྗོངས་མགྲོན་གཉེར་བླ་མ་ཨུ་རྒྱན་རྒྱ་མཚོ་
རཱ་ཡ་བཱ་ཧཱ་དུར་གྱིས་བཏུས་པའོ །།

ཨུལ་བང་ག་ལ་དང་མ་ག་དྷ་དང་ཨོ་རི་ཤའི་སྲིད་སྐྱོང་ཆེན་པོའི་བཀའ་བཞིན

རབ་བྱུང་བཅོ་ལྔ་ཆུ་སྟག་ལོ་ཡེ་ཤུའི་འདས་ལོ་༡༩༠༢ ཟླ་བ་བདུན་པ་ལ་རྒྱ་གར་གཞུང་གི་གདན་ས་གྲོང་ཁྱེར་ཆེན་པོ་ཀལ་ཀ་ཏ་རུ་
པར་དུ་སྒྲུབ་པའོ །